༄༅།།སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ་འདི་དག་མི་ཉམས་རྒྱུན་གནས་ཀྱི་ཐོག་ནས་དད་འདུན་དང་སྦྱང་བརྩོན་ཆེ་བའི་ཕྱི་ནང་མི་རིགས་སྤྱི་ལ་ཕན་པའི་སློབ་གཉེར་གྱི་རྭ་བ་བཟང་པོ་ཞིག་བསྐྲུན་རྒྱུ་དང་། བྱེ་བྲག་ཏུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་འཆད་ཉན་རྣམས་མི་ཉམས་རྒྱུན་གནས་ཡོང་བའི་ཐབས་ལ་འབད་དགོས་པ་དེ་ཡིན།
དང་པོ།
གཉིས་པ།
གཉིས་པ།
༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་ཉག་ཅིག་ལ་བརྟེན་ནས་ནང་པ་སངས་རྒྱས་པའི་གཞུང་ལ་སྦྱང་བརྩོན་གནང་མཁན་ཕྱི་ནང་གི་མི་རིགས་མང་དུ་འགྲོ་བཞིན་པའི་སྐབས་འདིར་དཔེ་རྒྱུན་དཀོན་པའི་འཕགས་བོད་ཀྱི་གཞུང་ལུགས་དེ་དག་དོན་གཉེར་ཅན་རྣམས་ཀྱིས་ཉིན་རེའི་སློབ་སྦྱོང་ལ་སྨན་པའི་གསང་ཆེན་སྟོད་རྒྱུད་པོད་ཕྲེང་ཞེས་པ་དགོས་གལ་ཆེ་ཞིང་དཔེ་རྒྱུན་དཀོན་པའི་རིགས་རྣམས་དཔར་སྐྲུན་གྱི་ལས་གཞི་དངོས་སུ་དབུ་འཛུགས་ཟིན་ཞིང་ད་ཆ་དེབ་ཕྲེང་ཁ་ཤས་དཔར་བསྐྲུན་ཞུས་ཟིན་ལ། ད་དུང་རྒྱུན་མཐུད་དཔར་བསྐྲུན་བྱ་རྒྱུ།
གསུམ་པ།
གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཉམས་བཞེས་ཆོས་སྐོར་གཙོ་བོ་གྱུར་པའི་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་གི་རྒྱུན་རྣམས་མི་ཉམས་རྒྱུན་གནས་དང་ཉམས་པ་སླར་གསོའི་ཐོག་ཏུ་འབད་བརྩོན་ལྷོད་མེད་ཞུ་རྒྱུ།
བཞི་པ།
གོ་སྐབས་ནམ་བྱུང་ལ་ཁྱད་ལས་པ་དང་མཁས་དབང་རྣམ་པ་གདན་ཞུས་ཀྱིས་གསང་སྔགས་ཀྱི་གཞུང་ཆེན་ཁག་དང་། མཐོང་བརྒྱུད་ཀྱི་ཕྱག་བཞེས་ཟབ་མོ། ཐུན་མོང་གི་རིག་གནས། དེང་དུས་ཀྱི་རྩིས་འཁོར་སོགས་ཀྱི་ཐད་ལ་དུས་ནས་དུས་སུ་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ།
ཉམས་ཞིབ་དང་རྩོམ་སྒྲིག་ཚོགས་ཆུང་།
ཚོགས་གཙོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཚོགས་གཞོན་༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུས་པའི་ཚོགས་མི་ལྷན་རྒྱས་ནས་གྲྭ་ཚང་གི་ཆོས་འབྱུང་དང་འགྲོ་ཁུངས་མཆོད་དཔེ་བཅས་བསྐྱར་སྒྲིག་གི་སྐོར་ལ་བགྲོ་གླེང་གནང་བཞིན་པ།
ཚོགས་གཙོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཚོགས་གཞོན་༸སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུས་པའི་ཚོགས་མི་ལྷན་རྒྱས་ནས་གྲྭ་ཚང་གི་ཆོས་འབྱུང་དང་འགྲོ་ཁུངས་མཆོད་དཔེ་བཅས་བསྐྱར་སྒྲིག་གི་སྐོར་ལ་བགྲོ་གླེང་གནང་བཞིན་པ།
རྩོམ་སྒྲིག་གི་ལས་གཞི་དབུ་འཛུགས།
རིག་གནས་ཟབ་སྦྱོང་།
གློག་ཀླད་སྦྱོང་བརྡར།
དཔེ་མཚམས་པ་ཕྲུ་གུ་ལོ་ན་ཆུང་བའི་སྐབས་ནས་ཕྱི་ནང་གི་རིག་གནས་ལ་སློབ་སྦྱོང་གི་གོ་སྐབས་ཡོད་པ་མ་ཟད། གློག་ཀླད་ཀྱི་རྨང་གཞིའི་མཛུབ་ནོན་སོགས་རིམ་པས་སྦྱང་རྒྱུའི་གོ་སྐབས་ཀྱིས་མ་འོངས་པར་དོན་འབྲས་བཟང་པོ་ཡོང་བའི་གདེང་སྤོབས་ཡོད་པ།
No comments:
Post a Comment